[001A] ༄༅། །ཞི་བར་བྱེད་པའི་སྦྱིན་སྲེག་བྱ་ཚུལ་བདེ་ལེགས་ཀུན་སྩོལ་ཞེས་བྱ་བ་བཞུགས་སོ། ། [001B] །ན་མོ་གུ་རུ། འདིར་བཅོམ་ལྡན་འདས་དབལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས། མི་ནད་དང་ཕྱུགས་ཀྱི་གོང་ཁ་སོགས་མི་མཐུན་ཕྱོགས་ཀྱི་རིགས་ཞི་བར་བྱེད་པའི་ སྦྱིན་སྲེག་དམིགས་བསལ་ཅན་བྱ་བ་ལ། རང་གི་མདུན་དུ་ཟངས་སྡེར་རམ་གཞོད་པའམ་སྤེས་ཕོར་ལྟ་བུ་རྫས་སྲེག་ཏུ་རུང་བའི་སྣོད་ཀྱི་ནང་དུ་བྱེ་མ་གཙང་མ་བླུགས་པའི་ཁར། ཤུན་པ་མེད་པའི་ཤིང་ གིས་ཟླུམ་པོར་བསྐོར་ནས་བརྩིག་དེའི་ནང་དུ་བུད་ཤིང་སྐམ་བོ་བརྩིག་གཡས་ཕྱོགས་སུ་སྟེགས་ཀྱི་ཁར་སྣོད་ཀྱི་ནད་དུ། ནད་སེལ་བ་ལ་གྲོ་དང་བྲ་བོ། གདོན་སེལ་བ་ལ་ལོ་མ་དང་འབྲུའི་ རིགས་གང་འབྱོར། བགེགས་སེལ་བ་ལ་ལུངས་ཀར། གུ་གུལ་རྣམས་བྲན་ལ་བསྲེས་ནས་རིལ་བུ་ཆེ་ཆུང་གང་འཚམ་ཉེར་གཅིག་གམ་བརྒྱ་རྩ་སོགས་བཤམ། །ཆུ་བཞི་ཉེར་སྤྱོད་ ནང་མཆོད། གཏོར་མ། མར་ཁུ། མེ་གསོ་བའི་བུད་ཤིང། རྫས་འབུལ་བའི་གཟར་བུའམ་མཆོད་ཀོད་དང། གཞན་ཡང་རྡོར་དྲིལ་བསང་ཆུ། མེ་སྤོར་བའི་དཔལ་འབར་རམ་ [002A] །སྤོས་རིང་མར་དུ་བསྙུགས་པ། སྒྲུབ་གྲོགས་ཡོང་ཅིང་སྤྲོ་ན་རྡ་སྦུབས་སོགས་སྟ་གོན་བྱ། སྐྱབས་སེམས་ཚད་མེད་བཞི་བསྒོམ། འཇིགས་བྱེད་དཔའ་གཅིག་གི་སྒྲུབ་ ཐབས་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང། དངོས་གཞི་ལ། ཧྲཱི་ཥྚཱི་ཉེར་གཅིག་བཟླས་ཏེ་བསད་ཆུ་སྒྲུབ། ཡཾ་ལས་རླུང་གི་སོགས་ཀྱིས་ནང་མཆོད། ཨཱ་ལས་བྱུང་ བའི་སོགས་ཀྱིས་ཆུ་བཞི་དང་བཅས་པའི་ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབ། རྫས་རྣམས་ཧྲཱི་ཥྚཱི་ས་བསང་སྦྱངས། སྟོང་པའི་དང་ལས་བསྲེག་རྫས་རྣམས་རང་རང་ གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རང་བཞིན་དུ་གྱུར་པར་མོས་ལ། ཨོཾ་ཨཱ་ཧཱུཾ་ལན་གསུམ་གྱིས་བརླབ། ཡང། ཨོཾ་ཨཱ་ཧཱུཾ་ ལན་གསུམ་གྱིས་དཔལ་འབར་སྦར། ཧྲཱི་ཥྚཱི་ལན་གསུམ་བརྗོད་ཅིང་བུད་ཤིང་ལ་མེ་སྤར། བསང་ཆུ་གཏོར་ཏེ། ཧྲཱི་ཥྚཱི་ས་མེ་བསང། སྦ་བྷ་ལྦས་སྦྱངས། སྟོང་པའི་ [002B] སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་ དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་དཀར་པོ་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཁམས་གསུམ་པོ་ཟ་བར་ནུས་པ་ཧ་ཧ་ཞེས་ སྒྲོག་ཅིང་ལྗགས་འདྲིལ་བ། མཆེ་བ་རྣམ་པར་གཙིགས་པ་ཁྲོ་གཉེར་ཅན། ཁྲོ་གཉེར་གྱི་འགྲམ་དུ། སྨིན་མ་དད་སྤྱན་འཇིག་པའི་དུས་ལྟར་འབར་བ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ། འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་ལྷ་ལ་སྡིགས་མཛུབ་བྱེད་པ། འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ། ཕཻཾ་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོག་པ། མིའི་ཁྲག་དང་ཞག་དང་རྐང་དང་ཚིལ་བུ་ཟ་བ་ འཇིགས་སུ་རུང་བའི་ཐོད་པ་སྐམ་པོ་ལྡས་ཐོད་བྱས་ཤིང། མགོ་བོ་རློན་པ་ལྔ་བཅུའི་ཐོད་པའི་འཕྲེང་བས་བརྒྱན་པ། སྤྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་མི་རུས་ཀྱི་འཁོར་ལོ་དང། རྣ་ཆ་ལ་སོགས་པའི་ རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། གསུས་པ་ཆེ་བ། གཅེར་བུའི་གཟུགས་ཅན། མཚན་མགྱེན་དུ་འགྲེད་བ། སྨིན་མ་དང་རྫི་མ་དང་སྨ་ར་དད་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང། རྩ་ཞལ་དཀར་པོ་མ་ཧེའི་གདོང་ཅན་ [003A]༄༅། །ཤིན་ཏུ་ཁྲོས་པ་རྭ་རྣོན་པོ་ཅན། །དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ། རབ་ཏུ་འཇིགས་པ། ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་ སེར་པོ་ཡི་ཙམ་ཁྲོས་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་དང་ལྡན་པ། རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ། དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ་ རྭའི་རྩ་བའི་གཡོན་གྱི་ཞལ་དང་པོ་དཀར་པོ། དེའི་གཡས་ཞལ་དུད་ཀ་གཡོན་ཞལ་ནག་པོ། ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་ གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང། སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐད་པའི་པགས་པ་གཡོན་པ་ནས་བརྐྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་དང་པོ་ ན་གྲི་གུག་གཉིས་པ་ན་བཧི་བཧི་བཱ་ལ། གསུམ་པ་ན་གཏུན་ཤིང། བཞི་པ་ན་ཆུ་གྲི། ལྔ་པ་ན་ཀ་ཎ་ཡ། དྲུག་པ་ན་དགྲ་སྟ། བདུན་པ་ན་མདུད། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་ པ་ན་དབྱུག་ཏོ། བཅུ་གཅིག་པ་ན་ཁ་ཧྦཱཾ་ག་བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་པ་ན་རྡོ་རྗེ་རྩེ་ལྔ་པ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅྭོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅད་ཏེའུ་བསྣམས་ཤིང། ། [003B] གཉིས་པ་ན་ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ་ བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་ཐོང་ཚལ། བཅུ་བཞི་པ་ ན་སྡིགས་མཛུབ། བཅྭོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་རས་བསྣམས་པ། ཞབས་གཡས་ཀྱི་དང་པོས་མེ། གཉིས་པས་མ་ཧེ། གསུམ་པས་གླང། བཞི་པས་བོང་བུ། ལྔ་པས་རྔ་མོད་ དྲུག་པས་ཁྱི། བདུན་པས་ལུག་བརྒྱད་པས་ལྦ་དང། གཡོན་གྱི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག་བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པས་བྱ་ཆེན་པོ། བདུན་པས་ ཁྱིམ་བྱ། བརྒྱད་པས་བཞད་མནན་པ། ཚངས་པ་དང་དབང་པོ་དང་ཁྱབ་འཇུག་དང་དྲག་པོ་དང། གཞོན་ནུ་གདོང་དྲུག་དང་ལོག་འདྲེན་དང་ཟླ་བ་དང་ཉི་མ་རྣམས་ཁ་སྤུབ་ཏུ་བྱས་ཏེ། ཞབས་འོག་ཏུ་མནན་ནས་ མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཡིད་ཙམ་ཁྲོས་པ། ཕྱག་གཡས་ [004A]༄༅། །རལ་གྲི་འཕྱར་ཞིང། གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གྱིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་པའི་ཟུར་ཕུད་ ལྔ་དང་ལྡན་ཞིང། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཨཱ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། དེའི་མིག་གཉིས་ སུ་ཀྵིཾ། རྣ་བར་ཛིཾ། སྣར་ཁཾ། ལྕེར་རཾ། དཔྲལ་བར་ཀཾ་ལྟེ་བར་སཾ། སྦྱི་བོར་ཨོཾ། མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ ནས་བསྒོམས་པ་དང་འདྲ་བའི་དཔལ་རྡོ་རྗེ་འཇིགས་བྱེད་མདུན་གྱི་ནམ་མཁར་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་ གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་ཅིང་སྐུ་ལས་འོད་ཟེར་དཀར་པོའི་ཚིགས་ འཕྲོ་བར་གྱུར། མཆོད་པ་ནི་སྤྲོ་ན་ཚིགས་བཅད་བཅས་སམ། བསྡུ་ན། ཨོཾ་ཡ་མའན་ཏ་ཀ་པྲོ་ཀྵ་ནཾ་པྲ་ཏཱིཙྪ་ཧཱུཾ་སཱཧཱ། ནས། ཤཔྟའི་བར་ཀྱིས་ཕུལ།། ནད་མཆོད་ནི། ཨོཾ་ཡ་མའན་ཏ་ཀ་ཧཱུཾ་ཕཊ་ཨོཾ་ཨཱ་ཧཱུཾ། བསྟོད་པ་ནི་ [004B] །དཔའ་པོ་མཆོག་གི་སྤྱོད་ཡུལ་ཅན། །འདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་བས་བསྟོད། ལྷའི་ལྗགས་རྡོ་རྗེའི་རྣམ་པ་ ཅན་དཀར་པོ་ལ་ཧཱུཾ་ཡིག་གིས་མཚན་པར་གྱུར། ཧྲཱི་ཥྚཱི་ལན་བདུན་གྱིས་མར་ཁུ་ཚར་བདུན་བླུགས་གཟར་དམ་གཟར་བུས་ཕུལ་ནས། སྦྱིན་བདག་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་སོགས། །འཕེལ་ཞིང་རྒྱས་ལ་བར་དུ་གཅོད་ པ་ཡི། །ནད་རིམས་འཐབ་རྩོད་རྨི་ལྟས་མཚན་ངན་དང། །དུས་མིན་འཆི་དང་ཕྱུགས་ཀྱི་གོང་ཁ་སོགས། །བསམ་སྦྱོར་ངན་པས་འཚེ་ཞིང་གླགས་ཚོལ་བའི། །གདོན་བགེགས་འབྱུང་པོའི་གནོད་པ་ལ་སོགས་པ། ། མདོར་ན་འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས། །ཐམས་ཅད་མ་ལུས་ཤནྟིཾ་ཀུ་རུ་ཡེ་སཱཧཱ། ཅེས་སྤེལ་ཚིག་བྱ། དེ་ནས་སྲེག་རྫས་ཀྱི་རིལ་བུ་འབུལ། དེ་ཡང། ཨོཾ་ཧྲཱི་ཥྚཱི་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། སྦྱིན་པའི་བདག་པོའི་ ནད་གདོན་བགེགས་དང་ཕྱུགས་ཀྱི་གོང་ཁ་སོགས་ཕྱི་ནད་གི་ཉེར་འཚེ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སཱཧཱ། ཞེས་བརྗོད་ཅིང་རིལ་བུ་རེ་རེ་འམ་གསུམ་གསུམ་གཟར་བུ་འམ་ལག་པས་ཕུལ། རིལ་བུ་ཉི་ཤུའམ། ཉི་ཤུ་རྩ་ལྔ་རེ་སོང་བའི་མཚམས་སུ་ མར་ཁུ་གསུམ་མ་མ་ལྔའམ་བདུན་རེ་ལྟ་བུ་གང་འཚམ་ཕུལ་ལ། མཚམས་རྣམས་སུ་སྤེལ་ཚིག་རྒྱས་པ་བྱ། རྫས་རྣམས་ཕུལ་ཚར་པའི་རྗེས་སུ། ལྷའི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་བུམ་པ་དཀར་པོ་བདུད་རྩི་དཀར་ [005A]༄༅། །པོས་གང་བ་ཐོགས་ནས། །སྒྲུབ་བྱ་ཟླ་བདེ་དཀྱིལ་འཁོར་ལ་གནས་པ་རྣམས་ལ་ཁྲུས་བྱས་པས་ནད་གདོན་བགེགས་དང་ཕྱུགས་ཀྱི་གོང་ཁ་སོགས་འགལ་རྐྱེན་ཉེར་འཚེ་ཐམས་ཅད་བྱང་ཞིང་ དག་པར་གྱུར། དེ་ནས་གཏོང་མ་བརླབས་ནས། །ལྷའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཡ་མའན་ཏ་ཀ་ཨི་དཾ་བ་ལིཾ་ཏ་ ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་ནམ་གསུམ། ཨོཾ་ཡ་མའན་ཏ་ཀ་ཨརྒྷཾ་སོགས་ཕྱི་ནང་གི་མཆོད་པ། །གཟུགས་མཆོག་སོགས་ཀྱི་བསྟོང་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོས་ཕྱི་དང་ནང་གི་འགལ་རྐྱེན་ཉེར་ འཚེ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཡ་མའན་ཏ་ཀ་ས་མ་ཡ། ཞེས་སོགས་ཡིག་བརྒྱ། །གང་ཡང་བདག་བློ་སོགས་ཤོ་ལོ་ཀ་གཅིག་སྦྱིན་བདག་རྣམས་ཀྱི་ཆོས་དང་མཐུན་པའི་དོན། ། ཇི་ལྷར་བསམས་པ་ཡིད་བཞིན་འགྲུབ་པ་དང། །ནང་གདོན་བགེགས་སོགས་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་མུཿ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག་རྡོ་རྗེ་འཇིགས་བྱེད་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོང་པར་ཤོག་མི་འགྱུར་ལྷུན་པོའི་ [005B]ཡན་ལག་དྲུག་ཅུའི་གསུང་གི་བཀྲ་ཤིས་ཤོག་མཐའ་བྲལ་དྲི་མེད་ཐུགས་ཀྱི་བཀྲ་ཤིས་ཤོག། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག་ཅེས་བསྔོ་སྨོན་ཤིས་བརྗོད་ བྱ་ཞིང། །ཐལ་བ་སོགས་གཙང་སར་གཤེགས། སྒྲུབ་ཐབས་ཀྱི་མཇུག་ཆོག་རྣམས་བྱའོ། །འདིས་ཀྱང་འགྲོ་བ་ཡོངས་ལ་ཕན་ཐོགས་པར་གྱུར་ཅིག། །།མངྒ་ལཾ།། །། ༈ སྦྱིན་བདག་རྣམས་ཀྱི་ཞེས་སོགས་ནི་སྦྱིན་བདག་གི་རི་མགྲོའི་དབང་དུ་བྱས་ལ། འདུས་སྡེའི་སྤྱི་སོ་ལྟ་བུ་ལ། སྤྱི་སོའི་ནོར་ཕྱུགས་ལོངས་སྤྱོད་ལ་སོགས་པ། །འཕེལ་ཞིང་རྒྱས་ལ་ བར་དུ་གཅོད་པ་ཡི། །ཕྱི་ནང་ཉེར་འཚེ་གོང་ཁ་གོང་འདྲེ་སོགས། །མ་ལུས་མྱུར་དུ་ཤནྟིཾ་ཀུ་རུ་ཡེ་སཱཧཱ། ཞེས་བ་དང། བསྡུས་པ་ནི། ནོར་ཕྱུགས་སོགས་ལ་གནོད་པའི་ཕྱི་ནང་གི་ཉེར་འཚེ་ཐམས་ཅད་ ཤནྟིཾ་ཀུ་རུ་ཡེ་སཱཧཱ། ཞེས་བསྒྱུར། ༈ ལྷའི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་བུམ་པ་དཀར་པོ་བདུད་རྩི་དཀར་པོས་གང་བ་ཐོགས་ནས་ སྤྱི་སོའི་ལས་བྱེད་མི་ནོར་སོགས་ལ་ཁྲུས་བྱས་པས་ནད་དང་བགེགས་དང་ཕྱུགས་ཀྱི་གོང་ཁ་སོགས་འགལ་རྐྱེན་ཉེར་འཚེ་ཐམས་ཅད་བྱད་ཞིང་དག་པར་གྱུར། ༈ [006A]༄༅། །རྗེ་བཙུན་བླ་མའི་སྐུ་ཚེ་འཕྲིན་ལས་སོགས། །འཕེལ་ཞིང་རྒྱས་ལ་བར་དུ་གཅོད་པ་ཡི། །ཕྱི་ནང་འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས། །ཐམས་ཅད་མ་ལུས་ཤནྟིཾ་ཀུ་རུ་ཡེ་སཱཧཱ་ ཞེས་པ་དང། བསྡུས་བ། བླ་མའི་སྐུ་ཚེ་བརྟན་པ་དང་འཕྲིན་ལས་རྒྱས་པ་སོགས་ལ་སར་དུ་གཅོད་པའི་འགལ་རྐྱེན་ཉེར་འཚེ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སཱཧཱ། ཞེས་པའམ། དེ་ལས་ཀྱང་བསྡུ་ན། ཉེར་འཚེ་ ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སཱཧཱ། ༈ དཔལ་ལྡན་བླ་མ་དམ་པ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ལ་ཁྲུས་བྱས་པས་འགལ་རྐྱེན་ཉེར་འཚེ་ཐམས་ཅད་བྱང་ཞིང་ དག་པར་གྱུར། ཅེས་པ་ལྟ་བུ་སྐབས་བསྟུན་གྱིས་བསྒྱུར་བར་བྱའོ།། །།མངྒ་ལཾ།། །། [006B][BLANK PAGE]